Search from various English teachers...
西毒大叔 བོད་པ
རི་བོ་འདིའི་ཕ་རོལ་ན། ངའི་ཨ་ཕས་རི་བོ་འདིའི་ཕ་རོལ་ན་རི་ཞིག་ཡོད་ཅེས་གསུངས དེའུ་འབུར་གྱི་མཚམས་ལྷག་ཤོར་བས རྒོད་པོ་ཤིག་གིས་རིག་ལམ་ཇི་ལྟར་ཕྱེས་ཤིང བདག་པོ་ནམ་ཡང་ལྷགས་རྒྱུ་མ་བྱུང ངའི་ཨ་མས་རི་བོ་འདིའི་ཕ་རོལ་ན་མཚོ་ཞིག་ཡོད་ཅེས་གསུངས མཚམས་སྤྲིན་ལ་མིག་ཟུང་དབེན་པས རུས་སྦལ་ཤིག་གིས་ལམ་སྣེ་ཇི་ལྟར་བསྟན་རུང བདག་མོ་ནམ་ཡང་སོན་རྒྱུ་མ་བྱུང ང་འགྲོ་ཁར དགུང་ན་ཉི་ཟླ་གཉིས་ཤར་ཡོད གཅིག་ནི་ང་རེད ཅིག་ཤོས་ནི་ངའི་རྣམ་ཤེས་རེད ང་འགྲོ་ཁར་ཁ་ཆེམས་གང་ཡང་མེད་པར་བཞུད་སོང བཞུད་སོང་བའི་སྔོན་མ་ང་ཡིན་ཅེས་བརྗོད་ན ངས་ཁྱོད་ཚོ་ལ་མུ་མཐུད་ནས་བགྲོད་དང་འཕྱི་མི་འདུག་ཟེར ང་འགྲོ་ཁར ང་རང་ཕྱིར་ཡོང་ཅེས་བའི་སྐད་ཆ་དེ་ནི་ཚིག་གི་སྙིགས་རོ་ཅིག་ཡིན རི་བོ་འདིའི་ཕ་རོལ་ན འདམ་རྫབ་དང་ཁུག་ཀྱོག ཡང་ན་གསོད་གཅོད་ཀྱི་སྟ་རེ་དག་བདོག་ཕྱིར ངས་ཆུང་མ་དྲན་མི་སྲིད་པར་བྱིས་པའང་དེ་བཞིན་དྲན་མི་སྲིད ང་ལ་མཁོ་བ་ནི་རི་འདིའི་ཕ་རོལ་གྱི་རི་དེ་ཡིན་སྲིད་པ་ལས ཁྱེད་ཀྱི་མེ་ལོང་འདྲ་བའི་གཟུགས་བརྙན་དེའང་མིན རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་ཞིག་བྲིས་ནས ཁྱོད་ལ་མིག་ཟུང་གཉིས་ཀ་མེད་པས ཁྱོད་རང་གང་དུ་བགྲོད་རྒྱུ་ཡིན་ཅེས་ཟེར་ན ང་རང་རི་བོ་འཚོལ་དུ་འགྲོ་རྒྱུ་ཡིན་ཟེར དེ་བས་རི་བོ་འདིའི་ཕ་རོལ་ན་རི་བོ་དང་ རི་བོའི་དེའི་ཕ་རོལ་ན་མཚོ་མོ་ཡོད་ཕྱིར མཚོ་དང་རི་བོ་གཉིས་ནི་འཚོལ་རྒྱུ་ཞིག་མ་ཡིན་པར སྡུད་རྒྱུ་ཞིག་ཡིན་ཟེར
Nov 20, 2012 4:24 AM

Don’t miss out on the opportunity to learn a language from the comfort of your own home. Browse our selection of experienced language tutors and enroll in your first lesson now!