Darren•Sengge
བོད་ཀྱི་ཡུལ་སྐད་སློབ་སྦྱོང་། རྣམ་པ་ལྷན་རྒྱས་སྐུ་ཁམས་བཟང།ངའི་མིང་ལ་ཚེ་རིང་དངོས་གྲུབ་ཟེར།ཕ་ཡུལ་སྐྱེ་དགུ་ནས་ཡིན།དེ་ན་ད་སྐབས་ཕྱི་གླིང་གི་མི་མང་པོ་ཞིག་གིས་བོད་སྐད་སྦྱོང་བ་དང་།བོད་མི་མང་པོ་ཞིག་གིས་ཕྱི་གླིང་གི་སྐད་ཀྱང་སྦྱོང་བཞིན་ཡོད་དེ།ང་ཚོ་བོད་མི་རང་གི་ཡུལ་སྐད་སྦྱོང་མཁན་ནི་ཉུང་ཉུང་ཞིག་མ་གཏོགས་མི་འདུག མ་འོངས་པ་བོད་མིའི་སྤྱི་སྐད་ཅིག་ཆགས་དགོས་ན་ཡུལ་སྐད་སོ་སོར་སློབ་སྦྱོང་དང་རྒྱུས་ལེན་བྱ་བ་ནི་གཡོལ་ཐབས་མེད་པའི་བརྒྱུད་རིམ་གལ་ཆེན་རེད།དེས་ན་ང་ནི་མ་གཞི་ཁམས་ཀྱི་ཡུལ་སྐད་བཤད་མཁན་ཡིན་ལ་སློབ་གྲྭ་ནས་ཨམ་མདོའི་ཡུལ་སྐད་དེ་ད་ལྟ་ཅུང་ཟད་ཡག་པོར་གོ་ཐུབ་ལ་བཤད་ཀྱང་ཐུབ།འོན་ཀྱང་དབུས་གཙང་ས་ཆའི་ཡུལ་སྐད་དེ་ད་བར་སློབ་སྦྱོང་བྱ་བའི་སྐལ་བ་ཞིག་མ་ཐོབ་སྟེ་ཤིན་ཏུ་ཕོངས། དྲ་ཚིགས་འདིར་ནི་སྐད་སྦྱོང་ལ་མོས་པ་ཡོད་མཁན་མང་བས་གལ་སྲིད་ང་དང་མཉམ་དུ་བོད་ཀྱི་ཡུལ་སྐད་སྦྱོང་འདོད་མཁན་ཡོད་ན་ཐད་ཀར་ང་ལ་འབྲེལ་གཏུག་ཞུ།ཐུགས་རྗེ་ཆེ།
Jun 4, 2018 12:37 PM
Comments · 2
Please teach me Tibetan and understand what you wrote
thank you
May 27, 2020
Hi! I'm in China so Gmail can't work. plus I'm not good at teaching yet you better find a professional teacher😀
May 27, 2020
Darren•Sengge
Language Skills
Chinese (Mandarin), English, German, Greek (Ancient), Japanese, Latin, Sanskrit, Spanish, Tibetan
Learning Language
Chinese (Mandarin), English, German, Greek (Ancient), Japanese, Latin, Sanskrit, Spanish