Damian
༄༅། དུས་བཞི་ཡི་སྡུག་བསྔལ ། ལོ་ཡི་དུས་བཞི་མི་འདྲ་བས། མི་ཁ་ཤས་ལ་སྟོན་ཀ་དགའ། དབྱར་ཀར་ཞེན་པ་དེ་ལས་མང། དཔྱིད་དགུང་གཉིས་ལའང་དགའ་བ་ཡོད། འཁོར་བའི་སྣང་བ་སྙིང་མེད་ལས། ཞེན་ལོག་ངས་པར་བསྐྱེད་པའི་ཕྱིར། དུས་བཞིའི་སྡུག་བསྔལ་གྲངས་མེད་པ། བདག་གིས་འདི་ལ་བཤད་པར་བྱ། དང་པོ་ནི། དཔྱིད་ཀའི་སྡུག་པ། སེམས་ཅན་ཐམས་ཅད་གྱི་སྙིང་རྗེ་མེད་པའི་དགུན་ཀ་བཟོད་མ་ཐུབ་ནས་དཔྱིད་ཀ་མྱུར་དུ་སླེབས་པར་རེ་སྨོན་བྱེད་བཞིན་ཡོད། འོན་ཀྱང་དེས་ངལ་གསོ་བྱིན་པ་མིན། དགུན་ཁར་འཚོ་བཅུད་ཟ་བར་མི་འདངས་པས་རིམ་འགོག་ནུས་ཤུགས་རྒུད་པའི་སྐྱེ་བུ་ཐམས་ཅད་མནར་གཅོད་ལ་བྱེད་བཞིན་ཡོད། དཔྱིད་ཀའི་གནམ་གཤིས་ནི་མིག་དམར་གྱི་གནམ་གཤིས་དང་འདྲ་སྟེ། ཉིན་ཚ་དགོང་གྲང་དང་། སྔ་སྐམ་ཕྱི་བརླན་གྱི་དཔྱིད་ཀས་སྐྱེ་བོ་ཚང་མ་ལ་ཆམ་པ་འཕོག་བཞིན་ཡོད། གཉིས་པ་ནི། དབྱར་ཁའི་བསྔལ་བ། དབྱར་ཁ་སླེབས་དུས་འོད་ཟེར་སྟོང་ཕྲག་ལྡན་པའི་ཉི་མས་བྱེ་ཐང་དུ་འགྱུར་བའི་ས་དང་། ཤ་བསྲེགས་ཏུ་ལོག་པའི་སྐྱེ་བུ་ལ་འཕྱ་སྨོད་བྱེད་བཞིན་ཡོད། གསུམ་པ་ནི། སྟོན་ཀའི་སྐྱོ་བ། དབྱར་ཁའི་དམྱལ་བ་ཟིན་རྗེས་སའི་སྟེང་དུ་འགྲོ་བ་ཐམས་ཅད་ཀྱིས་ངལ་གསོ་རྙེད་མ་ཐུབ། བསིལ་རླུང་གཡོག་པའི་ཚེ་སྐྱིད་པོ་དེ་ནི་མིག་ལྡེབ་དབང་ཅམ་ནས་གཤེགས་སོ། མིའི་གདོང་ལས་མཆི་མ་ནི་ནམ་མཁའ་ལས་ཆར་ཆུ་དང་མཉམ་དུ་བཞུར་ཏེ། སྐྱེ་བུ་ཐམས་ཅད་སྐྲག་ལས་འདར་བ་ནི་དལ་བུར་གྲང་ལས་འདར་བར་འགྱུར། ཤིང་སྡོང་གི་ལོ་ལྗང་ལྷུང་དང་བཅས་ཏེ། སྐྱེ་བུ་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་དོ། བཞི་བ་ནི། དགུན་ཀའི་ཟུན་པ། ལོའི་མཇུག་ལ་དགུན་ཀ་ཁྲག་འཐུང་ཅན་འཐོན་ནོ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་འཁེངས་པའི་སེམས་གྲང་པ་ད
2013年10月19日 10:17
修正 · 4
Thanks for the comment. Yes, I did.
2014年2月1日
u write it urself?
2014年2月1日
一年四季不一故 有人最喜歡秋天 熱愛夏天者更多 春冬也有所愛者 輪回現象無心髓 為了產生出離心 輪回無量之痛苦 我在這裡來介紹
2013年10月23日
雖不能看懂. 但很替你開心 前面數行. 是詩歌嗎 如果是. 能不能譯為漢語
2013年10月22日
想進步快一點嗎?
加入此學習社群,來試做免費的練習吧!