Trova un insegnante
Lezione di gruppo
Community
Accedi
Iscriviti
Apri nell'App
Damian
༄༅། །བརྗེད་དཀའ་བའི་བླ་མའི་གསུངས། ། ང་བླ་མ་དང་མཇལ་བའི་གཏམ་ནི་ཡ་མཚར་བ་ཞིག་ཡིན། བོད་ལྗོངས་མ་ཡོང་སྔོན་ན་སངས་རྒྱས་ཀྱི་ཆོས་དམ་པ་སྤྱོད་པར་འདོད་ཀྱང་། བྱང་ཕྱོགས་ཀྱི་ཀླ་ཀློའི་རྒྱལ་ཁབ་ཨུ་རུ་སི་ན་བླ་མ་རྫུན་མ་ཡོད་པར་སྐྲག་ཏེ། འཛམ་བུ་གླིང་གི་རྒྱན་གཅིག་བུ་ཨོ་རྒྱན་རིན་པོ་ཆེ་པདྨ་མ་འབྱུང་གནས་གཏོགས་རེ་ས་གཞན་པ་མེད་པས། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱི་རློབས། རྙིང་མའི་བླ་མ་བདེན་པ་ལ་མཇལ་བར་མཛོད། ཅེས་སྨོན་ལམ་དེ་འདྲ་མ་གཏོགས་ཐབས་མེད་དོ། ལོ་འགའ་འགོར་ནས་ང་ཀྲུང་གོ་ན་ལོ་གཅིག་བསྡད་རྗེས་དོན་དག་ཡ་མཚན་ཞིག་བྱུང་བ་ལ། ཏ་ལན་གྲོང་ཁྱེར་ན་ཞལ་ཐང་ཚོང་ཁང་ཞིག་ཡོད་པ་ཤེས་ནས་ཐེངས་འགའ་དེར་སོང་། ཚོང་བདག་ཚང་མ་རྒྱ་མི་ཡིན་པས་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཡོད་དམ་མེད་དམ་མ་ཤེས་ཀྱང་། ཉིན་ཞིག་ལ་ཁོ་ཚོས་ང་ལ། ཁྱོད་བླ་མ་ཡོད་དམ། བླ་མ་ལ་མཇལ་བར་འདོད་དམ། ཅེས་དྲིས། ངས་བོད་ལྗོང་ནས་ཐག་དེ་འདྲ་རིང་པོའི་ས་ཆ་ཏ་ལན་གྲོང་ཁྱེར་ན་རྙིང་མའི་རྫོགས་ཆེན་དགོན་པའི་བླ་མ་རྫུན་མ་མིན། མ་བཅོས་པ། བདེན་པར་བཞུགས་ཤེས་ནས། མྱུར་དུ་ཁོང་ལ་སྐྱབས་སུ་སོང་། ང་བླ་མ་དང་མཇལ་ནས་ཡུན་རིང་མ་འགོར་བར་ཁོང་དེ་སྐད་ཅེས་བཀའ་སྩལ་བ། སེམས་ཅན་ཐམས་ཅད་ཤི་རྒྱུ་རེད། ང་ཡང་ཤི་རྒྱུ་ཡིན། ཅེས་གསུངས་པའོ། གསུངས་འདི་ངས་བརྗེད་དཀའང་། ངས་འདིར་ཡི་གེས་ནང་དོན་གཙོ་བོ་བརྡ་འཕྲོད་པར་མི་ཐུབ། ཁོང་གི་དེ་སྐད་ཅེས་གསུངས་དུས་འཇིགས་སྐྲག་ཅི་ཡང་མེད་པའི་རྣམ་འགྱུར་མ་བཅོས་པའི་ངང་ཡི་གེས་ཅི་ལྟར་འབྲི། སྐབས་དེ་ང་གྲུབ་ཆེན་ཨིཎྡྲ་བྷུ་ཏིས། སྐྱ་མ་འཛིན་པ་མེད་པ་ན། གྲུ་ཡིས་ཕ་རོལ་ཕྱིན་མ་ནུས།
5 ott 2013 12:29
1
3
Correzioni · 1
0
ཡོན་ཏན་ཐམས་ཅད་རབ་ལྡན་ཀྱང། བླ་མ་མེད་ན་སྲིད་ཐར་མེད། ཅེས་གསུངས་བ་དེ་མངོན་པར་ཤེས་སོང་། གླེགས་བམ་སྟོང་ཕྲག་ལས་བླ་མའི་ཚིག་གཅིག་དོན་ཟབ་བོ།
5 ottobre 2013
0
0
Vuoi progredire più velocemente?
Unisciti a questa comunità di apprendimento e prova gli esercizi gratuiti!
Esercitati ora
Damian
Competenze linguistiche
Cinese (mandarino), Cinese (altro), Inglese, Giapponese, Calmucco oirat, Kazako, Mongolo, Russo, Spagnolo, Tibetano
Lingua di apprendimento
Kazako
SEGUI
Altri articoli che potrebbero piacerti
Doing Quizzes is a Good Way to Learn a Second Language… True or False?
di
22 consensi · 5 Commenti
Navigating Global Business: The Power of Business English, Cultural Sensitivity, and Career Advancement Strategies
di
17 consensi · 6 Commenti
10 Strategies to Keep Young Learners Involved in Your italki Classes
di
47 consensi · 21 Commenti
Altri articoli
Scarica l'app italki
Interagisci con madrelingua di tutto il mondo.